དཀོན་མཆོག་གི་ དམ་པའི་ གསུང་རབ།
ལ་དྭགས་ ཕལ་སྐད་ལ་ སྐྱབས་མགོན་ ཡེ་ཤུའི་ འཕྲིན་བཟང་།
You are here
ཉི་མ་ རེ་རེའི་ རྒྱུན་སྒྲོག (སྤྱི་ལོ་ 2022)
འདི་རིང་ངི་ རྒྱུན་སྒྲོག
January 30 Sunday
2022
།ཇན་ཝ་རི་ཚེས་ ༣༠།
།གཟའ་ཉི་མ།
།བདུན་ཕྲག་གི་གསུང་།
།ང་ཚོས་ད་ལྟ་མེ་ལོང་ནང་རབ་རིབ་མཐོང་ཡང་།
དེའི་ཚེ་ངོས་སུ་མཐོང་ཡོང་།
།༡ ཀོ་རིན་ཐུ་པ་ ༡༣:༡༣།
།ཡེ་རེམ་ཡཱ་ ༡:༤-༡༠།
།གསུང་མགུར་ ༧༡:༡-༦།
།༡ ཀོ་རིན་ཐུ་པ་ ༡༣:༡-༡༣།
།ལུ་ཀ་ ༤:༢༡-༣༠།
།ང་ཚོས་རང་གི་ལག་པའི་ལས་ལ་ནམ་དུའང་།
ཁྱོད་རྣམས་ངའི་དཀོན་མཆོག་ཡིན་སྨྲ་བར་མི་འགྱུར།
།ཧོ་ཤེ་ཨ་ ༡༤:༣།
།མི་ལ་འཇིག་རྟེན་ཧྲིལ་པོ་ཐོབ་ཀྱང་།
རང་སྲོག་བརླག་ན་ཅི་ཕན།
།མར་ཀུ་ ༨:༣༦།
ཉི་མ་ རེ་རེའི་ རྒྱུན་སྒྲོག་གི་ སྐོར།
འཇིག་རྟེན་ གང་པོའི་ མ་ཤི་ཀ་པའི་ མོ་ར་ཝིའན་ ཆོས་ཚོགས་ཀུན་ནི་ནང་ང་ ཞག་ རེ་རེ་ཕིའ་ དཀོན་མཆོག་གི་ དམ་པའི་ གསུང་རབ་བི་ནང་ནས་ གསུང་ འདམས་མཁན་གུན་ གསིལ་ཅེས་སི་ ཚུལ་ཞིག་ ཡོད་དེ་ཡིན་ནོག །འདི་ གསུང་ཀུན་ལ་ ཉིན་རེའི་ རྒྱུན་སྒྲོག་ (ཡིན་ཇིའི་སྐད་དི་ནང་ང་ Watchwords) ཟེར་ར་ནོག །མོ་ར་ཝིའན་ནི་ སྤུན་དང་སྤུན་མ་ ཚང་མའ་ འདི་ རྒྱུན་སྒྲོག་ བཀྲམ་ཅེས་སི་ ཚུལ་བོ་ སྤྱི་ལོ་ 1722 ནང་ང་ འགོ་འཛུག་ཏེ། སྤྱི་ལོ་ 1731 ནས་ ཕར་ལ་ ལོ་ གང་པོའི་ཕིའ་ རྒྱུན་སྒྲོག་བོ་ པར་ལ་ རྒྱབ་ཅེས་ འགོ་འཛུག་ཏེ། དག་ས་ ཚུག་པ་ དེ་ ཚུལ་བོ་ འགྲུལ་འིན་ ཡོངས་ཏེ་ ཡིན་ནོག
འདི་ རྒྱུན་སྒྲོག་བོ་ འཇིག་རྟེན་ནི་ སྐད་སྣ་ 50 སང་ མང་ང་ཀུན་ནི་ནང་ང་ སྒྱུར་ཏེ་ ཧ་ལམ་ དཔེ་ཆ་ ས་ཡ་ ཕེད་དང་གཅིག་ (15,00,000) ཐལ་ཞིག་ ལོ་དང་ པར་ལ་ རྒྱབ་བ་ནོག
སྤྱི་ལོ་ 2022 ཕིའ་ རྒྱུན་སྒྲོག་བོ་ བོད་སྐད་ ཡང་ན་ ལ་དྭགས་ ཆོས་སྐད་དི་ནང་ང་ སྒྱུར་ཏེ་ ཡིན་ནོག །རྒྱུན་སྒྲོག་གི་ གསུང་ཀུན་ "ཡུ་ན་འི་ཏྲད་ བཱ་འི་བལ་ སོ་སའི་ཏྲིས་སིས་" 1948 དང་ 1968 ནང་ང་ པར་ལ་ རྒྱབས་མཁན་ནི་ དམ་པའི་གསུང་རབ་བི་ནང་ནས་ ནེན་ཏེ་ ཡིན་ནོག །སྤྱི་ལོ་ 2022 ཕིའ་ རྒྱུན་སྒྲོག་བོ་ འདི་ གནས་སའི་ཀ་ གསིལ་ཐུབ་བ་ནོག་ ཡང་ ཕབ་ཐུབ་བ་ནོག
དཀོན་མཆོག་གི་ བྱིན་རླབས་ དང་ ཁོང་ངི་ ཕྱོགས་ནས་ སེམས་སྟོབས་ ཐོབ་བྱེས་སི་ཕིའ་ ཉེ་རང་ངིས་འང་ ཞག་ཏང་ རྒྱུན་སྒྲོག་བོ་ གསིལ་ལ་མཛད་འཇུ།
ཐུགས་རྗེ་ཆེ།