གླེ་ ཆོས་ཁང་ རྙིང་པ། (སྤྱི་ལོ་ 1885)
གླེ་ ཆོས་ཁང་ སོ་མ། (སྤྱི་ལོ་ 2014)

 

མོ་ར་ཝིའན་ ཆོས་ཚོགས་བོ་ གཙོ་བོ་ ཡེ་ཤུའི་ ཆོས་ལུགས་སི་ མ་ རྙིང་པ་ ཆོས་ཚོགས་ཞིག་ ཡིན་ནོག

སྤྱི་ལོའི་ བརྒྱ་ཁྲག་ 15 ནང་ང་ ཡོ་རོབ་ གླིང་ཆེན་ལ་ སྐྱབས་མགོན་ ཡེ་ཤུའ་ དད་པ་ བྱོ་མཁན་ ཁ་ཅིག་ མ་ཤི་ཀ་པའི་ ཆོས་ཚོགས་ ཆེན་མོ་ནས་ འབྱེ་ཏེ་ ཆོས་ཚོགས་ ཆུང་ངིན་ཞིག་ འགོ་འཛུག་ཀག །ཁོང་ཀུན་ནིས་ དཀོན་མཆོག་གིས་ སལ་མཁན་ནི་ དམ་པའི་ གསུང་རབ་བི་ བཀའ་གུན་ བདེན་བའ་ སྲུང་ཅེས་ བྱོའད་ཀག །རྟིང་ནས་ ཁོང་ཀུན་ལ་ ནགས་ བསྟན་པ་སང་། ཁོང་ཀུན་ ཁོ་རང་ངི་ ཡུལ་ནས་ ཤོར་དགོས་ཏེ་ ཁོང་ཀུན་ "མོ་ར་ཝི་ཡཱ་" ཟེར་མཁན་ནི་ ཡུལ་ལ་ བསླེབ་ཀག །ལོ་ ཁ་ཅིག་གི་ རྟིང་ནས་ དེ་ཀུན་ལ་ "ཇར་མཱ་ནི་" ཡུལ་ལི་ "ཧེ་རཱན་ཧུཊ་" གྲོང་ཁྱེར་ལ་ སྐྱབས་གནས་ ཐོབ་ཏེ་ དེ་ག་ནས་ མོ་ར་ཝིའན་ ཆོས་ཚོགས་བོ་ ཕེལ་ཀག །སྤྱི་ལོའི་ བརྒྱ་ཁྲག་ 18 ནང་ང་ མོ་ར་ཝིའན་ ཆོས་ཚོགས་སི་ནང་ང་ ཡང་གསོས་ ཡོངས་ཏེ་ སྐྱབས་མགོན་ ཡེ་ཤུའི་ ཆོས་ བཤད་ད་ལ་ འཇིག་རྟེན་ནི་ ཡུལ་ མང་པོའ་ ཆོས་བཤད་པ་ མང་པོ་ ལམ་བཅུགས་ཀག

སྤྱི་ལོའི་ བརྒྱ་ཁྲག་ 19 ནང་ང་ མོ་ར་ཝིའན་ ཆོས་ཚོགས་སི་ ཆོས་བཤད་པ་ གཉིས་ ལ་དྭགས་སི་ ཉ་མོའ་ ཀྱེ་ལང་ ཡུལ་ལ་ བསླེབ་ཏེ་ མ་ཤི་ཀ་པའི་ ཆོས་ཚོགས་ ཆུང་ངུན་ཞིག་ འགོ་འཛུག་ཀག །ཆོས་བཤད་པ་ཀུན་ གླེ་ ལ་དྭགས་ལའང་ ཡོང་འིན་ འདུག་གད་ཀག །ཡང་ ལོ་ ཁ་ཅིག་གི་ རྟིང་ནས་ གླེ་ ཁྲོང་ཁྱེར་ལའང་ ཆོས་ཚོགས་ཞིག་ འགོ་འཛུག་སྟེ་ སྤྱི་ལོ་ 1885 ནང་ང་ ཆོས་ཁང་ཞིག་ བཞངས་ཀག །མོ་ར་ཝིའན་ ཆོས་བཤད་པ་ཀུན་ནིས་ སྐྱབས་མགོན་ ཡེ་ཤུའི་ ཆོས་ བཤད་ཅེས་ མ་ཚད་ སློབ་གྲྭ་ཁང་ དང་ སྨན་ཁང་ དང་ བཟོ་གྲྭ་ཁང་འང་ འགོ་འཛུག་སྟེ་ ལ་དྭགས་པ་ མི་དམངས་སི་ ཕན་བདེ་ཕིའ་ པྱག་ལས་ མང་པོ་ མཛད་ཀག

མདང་འདི་རིང་ངི་ དུས་ལ་ ལ་དྭགས་ ཡུལ་ལ་ མོ་ར་ཝིའན་ ཆོས་ཚོགས་ གསུམ་ ཡོད་དེ་ ཡིན་ནོག །གླེ་ རྒྱལ་སའ་ གཅིག །ཤེ་ ཡུལ་གམ་མ་ གཅིག་ དང་། མཁར་ལ་རྩེ་་ ཡུལ་ལ་ གཅིག་ ཡོད་དེ་ ཡིན་ནོག །ཡང་ ལ་དྭགས་ ཡུལ་ལ་ མོ་ར་ཝིའན་ སློབ་གྲྭ་ཁང་ གསུམ་མའང་ ཡོད་དེ་ ཡིན་ནོག །དེ་མ་ཚད་ མོ་ར་ཝིའན་ ཆོས་ཚོགས་སི་ ཕྱག་ལས་ ཕེལ་ཏེ་ རྒྱ་གར་ ཡུལ་ལི་ གཞན་ རྒྱལ་ཁག་གུན་ལའང་ མོ་ར་ཝིའན་ ཆོས་ཚོགས་ དང་ སློབ་གྲྭ་ཁང་ ཡོད་དེ་ ཡིན་ནོག

གླེ་ ཆོས་ཚོགས།
གླེ་ ཆོས་ཁང་ངི་ ཕི་ལོག་ག་ དད་ལྡན་ཀུན་ འདུས་ཏེ་ ཡོད་མཁན།
གླེ་ ཆོས་ཁང་ སོ་མའི་ནང་ང་ དད་ལྡན་ཀུན་ནིས་ ཆོས་ བྱོའིན་དང་།

 

 


།གལ་ཏེ་ ཉེ་རང་ང་ ང་ཞའི་ སྐོར་ལ་ མང་ང་ ཤེས་སྙིང་ ཡོད་ན། ཡང་ན་ དྲི་བ་རེ་ ཡོད་ན། ཡོག་ག་ བྲིས་མཁན་ནི་ ཚིག་ སྔོན་པོ་ཀུན་ནི་ཀ་ གནན་ན་མཛད།  དེ་ནེ་ གནས་ས་ སྟོང་པ་བོའི་ནང་ང་ ཉེ་རང་ངི་ མོལ་ཅེས་ཅན་ དང་ དྲི་བ་ཀུན་ བྲིའ་མཛད། ང་ཞས་ ཉེ་རང་ང་ ཙམ་ཐུབ་ དྲི་ལན་ ཕུལ་ཅེས་སི་ བརྩོན་འགྲུས་ བྱོ་ཡིན།

སྐྱབས་མགོན་ ཡེ་ཤུའི་ སྐོར་ལ་ གློག་བརྙན་ (པིག་ཅར་/film) གཟིགས་སྙིང་ ཡོད་ན་ འདི་ཀ་ གནན་ན་མཛད། ཡང་ ཨིན་ཇིའི་ སྐད་དི་ནང་ང་ ཁོང་ངི་ སྐོར་ལ་ ཤེས་སྙིང་ ཡོད་ན་ འདི་ཀ་ གནན་ན་མཛད།

དཀོན་མཆོག་གིས་ ཉེ་རང་ང་ བྱིན་རླབས་ སལ་ཤིག །ཐུགས་རྗེ་ཆེ༎